Tibetan Reader 藏文阅读器

『Tibetan Reader』是根据藏文通过字母的组合变化构成不同音节的规律来发音的APP软件。按照藏文音节拼读规则点击相应图标即可实现字词的拼合发音。另附听发音猜文字测验。

本软件由致力于传播西藏文化的KAWACHEN,出于帮助世界各地的人们了解和亲近西藏语言的目的,联合TIS LLC公司共同开发。

本软件在此Tibetan Reader(App Store) 购买下载。

(上述链接如果使用IE浏览器访问,页面所附五张Iphone截图或仅能显示两张。)

观看Tibtan Reader使用演示视频,请访问You Tube Tibetan Reader (iPhone/iPad/iPod touch App) demo。

本软件的藏文使用说明请见网页最下方。
བོད་ཡིག་ཐོག་གི་ངོ་སྤྲོད་ཤོག་ངོས་ འདིའི་གཤམ་དུ་གསལ།

本软件的英语说明请见这里。English Help ishere.

本软件的日文说明请见这里。日本語の説明はこちらをご覧ください。

Alphabet 字母表

此页面按照藏文音节结构设置:30辅音字母居中,前加字、后加字、再后加字、上下元音符号以及上加字、下加字等,或分置前后,或布局上下,环列四周而各就其位、各司其职。

按照藏文音节拼读规则,依序点击设有背景色的图标,可以实现拼读过程及拼合音节的发音。藏文音节拼读规则请参看后续说明。

点击右下角音节分隔符号「་」或其下相当于句号的「།」图标,表示输入结束,新页面即显示和读出所输入的完整拼合音节。


Alphabet页面(Alphabet Screen)


Alphabet页面分布示意图(Alphabet Screen)

(1)前加字 (2)上加字 (3)辅音字母 (4)下加字 (5)元音符号 (6)后加字 (6)特殊文字 (7)再后加字 (8)分隔号 音节 句子

拼合音节页面的正中显示输入的字词。


拼合音节页面(Syllable letters screen)

注意事项

History 历史

此页面显示用户在Alphabet页面的输入历史。每个字词占用一行,点击任意一行,可播放该行字词发音。点击左上角播放图标,可连续播放当前页面全部字词的发音。本页面同时还具有编辑功能。


History页面(History screen)


History页面(编辑模式)(History screen(Edit mode))

Quiz 测验

此页面是听发音猜文字测验。点击左侧扬声器图标,听到发音后选择答案,正确显示○,错误显示×,同时播放所选文字的正确发音。


Quiz页面(初始页面)(Quiz screen(initial))


Quiz页面(测验中)(Quiz screen)

Help 帮助

显示关于藏文阅读器『Tibetan Reader』的信息、帮助与提示。

Support

使用本软件的意见反馈,以及支持开发类似软件的捐款意向,请发邮件至tibetanreader@kawachen.org。邮件可能无法立即回复,敬请谅解。

བོད་ཡིག་སྦྱོར་ཀློག

བོད་ཡིག་སྦྱོར་ཀློག་གི་ཉེར་སྤྱོད་མཉེན་ཆས་འདིར་སྔོན་རྗེས་མིང་གསུམ་དང་མགོ་འདོགས་དབྱངས་དང་ཚེག་ཤད་སོགས་ཀྱི་ཡི་གེ་རྣམས་རང་རང་གི་ཐོབ་གནས་ལྟར་སྟེང་འོག་གཉིས་དང་གཡས་གཡོན་དུ་རིམ་པ་བཞིན་བཀོད་ཡོད། འདིར་གསལ་བྱེད་རྣམས་རྐྱང་ཀློག་དང་སྡེབ་སྦྱོར་བྱས་ཏེ་ཀློག་ཐུབ་པའི་ནུས་པ་ལྡན། དྲི་རྩེད་ཀྱི་ནུས་རྩལ་ཆ་རྐྱེན་ནི་གདམ་ཀ་བྱས་པའི་ཡི་གེ་དེ་ནོར་ཡོད་ན་ནོར་རྟགས་དང་འགྲིག་ཡོད་ན་འགྲིག་རྟགས་བརྒྱབ་པའི་ནུས་པ་ཡོད་ལ། དཔེར་ན། ཡིག་རྒྱུགས་ལེན་མཁན་གྱི་དགེ་རྒན་ཞིག་དང་ཀུན་ནས་མཚུངས།

དབྱངས་གསལ། (Alphabet)

དབྱངས་གསལ་འཆར་བའི་བརྙན་ཤེལ་འདིར་ཡི་གེའི་སྡེབ་སྦྱོར་བྱེད་ཚུལ་གྱི་འགྲོས་ལྟར་མིང་གཞི་དཀྱིལ་དང་སྟེང་འོག་ཏུ་དབྱངས་དང་མགོ་འདོགས་དང་གཡས་གཡོན་དུ་སྔོན་འཇུག་རྗེས་འཇུག་ཡང་འཇུག་རྣམས་ཟུར་དུ་བཏོན་ནས་ཡོད། འདིར་དམིགས་བསལ་གྱིས་འི་འུ་འོ་རྣམས་ཚེག་ཁྱིམ་གཅིག་གི་ནང་དུ་སྦྱོར་བདེའི་ཕྱིར་ལོགས་སུ་བཀལ་ནས་བཀོད་ཡོད། བརྙན་ཤེལ་འདིའི་གཡས་ཟུར་འོག་ཏུ་འཆར་ཡོད་པའི་ཚེག་རྟགས་དང་ཤད་རྟགས་གང་རུང་ཐོག་ཏུ་རེག་ཚེ་ཚེག་ཁྱིམ་རང་བཞིན་དུ་གྲུབ་པའི་ཡི་གེ་རྣམས་ཀྱི་སྒྲའི་ང་རོ་འབྱིན། བརྙན་ཤེལ་འདིའི་གཡོན་འོག་ཏུ་ཡོད་པའི་གནས་ལོག་མཐེབ་གནོན་ཐོག་ཏུ་རེག་ཚེ་སྔར་ནང་འདྲེན་བྱས་པའི་ཡི་གེ་རྣམས་བསུབས་ནས་བསྐྱར་དུ་འགོ་ནས་ནང་འཇུག་བྱེད་ཐུབ། བརྙན་ཤེལ་འདིའི་གཡས་འོག་ཏུ་ཡོད་པའི་ཚེག་རྟགས་གམ་ཤད་རྟགས་སུ་ཐུག་རེག་བྱས་ཚེ་ཚེག་ཁྱིམ་དུ་གྲུབ་པའི་ཡིག་འབྲུ་འཆར་བ་དང་སྒྲ་གདངས་གྲག ཚེག་བར་གཅིག་ཏུ་གྲུབ་པའི་ཡིག་འབྲུ་དག་གི་རྗེས་སུ་ཤད་བརྒྱབ་ན་བྱས་རབས་བརྙན་ཤེལ་ནང་གི་ཚེག་ཁྱིམ་གཅིག་ཏུ་གྲུབ་པའི་ཡི་གེ་རྣམས་ཀློག་དུས་ཀྱི་བར་མཚམས་ཅུང་རིང་བའི་ཚུལ་གྱིས་བཀླག

ཚེག་ཁྱིམ་གཅིག་གི་དབང་དུ་བྱས་ནས་ཁ་སྐོང་གི་འང་དང་ར་བཏགས་སོགས་ཀྱི་འོག་ཏུ་ཝ་ཟུར་སོགས་འདོགས་དགོས་ཚེ་དེའི་མཐུན་རྐྱེན་ཆ་ཚང་ཞིག་ད་དུང་བསྐོང་མི་ཐུབ་པས་རྗེས་སུ་ཡར་རྒྱས་སུ་གཏོང་གི་ཡིན། འདིར་བོད་ཡིག་རྣམས་ཀློག་པའི་གདངས་ནི་གསལ་བྱེད་རྣམས་རྐྱང་ཀློག་དང་ཚེག་བར་གཅིག་གི་དབང་དུ་བྱས་ནས་འདིར་བཀོད་ཡོད་པས། ཚིག་གྲོགས་ལ་བལྟོས་ནས་སྒྲའི་གདངས་ལ་འགྱུར་བ་འགྲོ་མི་ཐུབ།དཔེར་ན། ཟླ་བ་(da wa)ལྟ་བུ་ལ་ཟླ་བ་(da ba)ཞེས་པའི་སྒྲ་ཐོན།

བྱས་རབས། (History)

བྱས་རབས་བརྙན་ཤེལ་ནི་དབྱངས་གསལ་འཆར་བའི་བརྙན་ཤེལ་ནས་ནང་འདྲེན་བྱས་པའི་ཡི་གེ་རྣམས་གསོག་འཇོག་བྱས་ཡོད་པའི་བརྙན་ཤེལ་ཞིག་ཡིན། དེར་ཡོད་པའི་ཚེག་ཁྱིམ་དུ་གྲུབ་པའི་ཡིག་འབྲུ་བྱེ་བྲག་པ་རེ་རེའི་ཐོག་རེག་ཚེ་བྱེ་བྲག་པ་དེའི་སྒྲ་གདངས་ལ་ཉན་ཐུབ། དེ་མིན་བརྙན་ཤེལ་གྱི་གཡོན་ཐོག་ཟུར་དུ་ཡོད་པའི་མཐེབ་གནོན་རྟགས་དེའི་ཐོག་རེག་ཚེ་བརྙན་ཤེལ་དེའི་ངོས་ན་ཡོད་པའི་ཡི་གེ་རྣམ་གཅིག་རྗེས་གཉིས་མཐུད་དེ་ཚང་མ་ཀློག་པའི་ནུས་པ་ཚང་ཡོད། གཡོན་ཐོག་ཏུ་ཡོད་པའི་ཡིག་སྙིགས་སྣོད་རྟགས་སུ་རེག་ཚེ་དེའི་ནང་གང་ཡོད་ཚང་མ་གཙང་སེལ་བྱེད། Edit རྩོམ་སྒྲིག་རྟགས་སུ་རེག་ཚེ་རྩོམ་སྒྲིག་བྱེད་ཐུབ།

དྲི་རྩེད། (Quiz)

དྲི་རྩེད་ཅེས་པའི་བརྙན་ཤེལ་འདིས་བྱེད་ལས་ནི་བརྙན་ཤེལ་གྱི་གཡོན་དུ་ཡོད་པའི་སྒྲ་སྐྱེད་རྟགས་ཅན་ཐོག་ཏུ་ཐུག་རེག་བྱས་ཚེ་དེའི་ཐད་ཀྱི་ཡི་གེ་གང་རུང་ཞིག་གི་སྒྲ་འབྱིན་ལ། སྒྲ་དེ་གཟུགས་གང་ལ་ཐོབ་མིན་བརྟག་དཔྱད་ཀྱི་ཚུལ་གྱིས་གདམ་ག་བྱེད་ཐུབ། གལ་ཏེ་གདམ་ཀ་བྱས་པའི་ཡི་གེ་དེ་ནོར་ཡོད་ན་ནོར་རྟགས་དང་འགྲིག་ཡོད་ན་འགྲིག་རྟགས་རང་བཞིན་གྱིས་ཐོན། བརྙན་ཤེལ་འདིའི་གཡས་ཐོག་དུ་ཡོད་པའི་གནས་ལོག་མཐེབ་གནོན་ཐོག་ཏུ་རེག་ཚེ་གདམ་ཀ་བྱས་རྗེས་སུ་འཆར་བའི་ནོར་རྟགས་སམ་འགྲིག་རྟགས་རྣམས་རང་བཞིན་གྱིས་ཟུབ་ནས་ཐོག་མ་ལྟར་འཆར།

རོགས་རམ། (Help)

ཉེར་སྤྱོད་མཉེན་ཆས་འདིའི་རོགས་རམ་བརྙན་ཤེལ།

ཉེར་སྤྱོད་མཉེན་ཆས་འདིའི་སྐོར།

ཉེར་སྤྱོད་མཉེན་ཆས་འདི་ནི་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་རིག་གཞུང་དང་བཅས་པ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཡོངས་ཁྱབ་དང་དོན་སྣང་ཡོད་རིགས་ཚོར་རྒྱུས་མངའ་ཡོང་ཆེད་དམིགས་ནས་ཉི་ཧོང་ཡོད་པའི་བོད་ཀྱི་རིག་གནས་ལྟེ་གནས་ཁང་ཁ་བ་ཅན་གྱིས་འཆར་གཞི་དང་རྩོལ་ནུས་ཇུས་འགོད་ TIS LLC ཡིས་རྩིས་འཁོར་བྱ་རིམ་ཇུས་འགོད་བཅས་ཟུང་འབྲེལ་ཐོག་གསར་སྐྲུན་བྱས་པ་ཞིག་ཡིན། བོད་ཡིག་ཉེར་སྤྱོད་མཉེན་ཆས་འདིས་ཁ་བ་གངས་ཅན་གྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་རྒྱུན་འཛིན་ལ་སྨན་ པའི་རྒྱུར་གྱུར་ཅིག

དབྱངས་གསལ་སོ་བཞིའི་གདངས་སྙན་བསྣམས་པ་ཡི། །
སྔོན་མེད་ཀུ་ཤུའི་རྟགས་ཅན་དགེ་རྒན་ཞིག །
ཁ་བ་ཅན་གྱི་ལྟོ་ལས་འཁྲུངས་པ་འདིས། །
འཛིན་མའི་ཁྱོན་གྱི་སློབ་ཚོགས་སྐྱོངས་གྱུར་ཅིག །

མཇུག་མཐར་ཞུ་རྒྱུ་ཞིག་ལ་ཉེ་སྤྱོད་མཉེན་ཆས་འདི་ཕྱོགས་གང་ཐད་ནས་འཐུས་སྒོ་མ་ཚང་ས་དང་མ་འགྲིག་ས་ཡོད་ངེས་པས་དེའི་ཐོག་དགོངས་འཆར་འདོན་པའི་མཚོན་ཕྱ་གྲུ་མཉམ་འདེགས་དང་དེ་མིན་མ་འོངས་པར་ང་ཚོའི་ལས་གཞི་འདི་ཡར་རྒྱས་གོང་འཕེལ་གཏོང་ཆེད་དུ་དངོས་པོ་མཐུན་འགྱུར་གནང་འདོད་ཡོད་རིགས་ཀྱིས་དེ་ལྟར་གནང་རོགས་ཞུ་རྒྱུ། མཉེན་ཆས་འདི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་དཀའ་ངལ་སོགས་གང་ཞིག་འཕྲད་ཚེ་དུས་ཐོག་ཏུ་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་ང་ཚོར་འབྲེལ་བ་གནོངས་དང་ཁྱེད་ཀྱི་དཀའ་ངལ་སེལ་གང་ཐུབ་བྱེད་ངེས་ཡིན་པའི་དེ་དོན་ཐུགས་འཇགས་འཚལ། tibetanreader@kawachen.org

Copyright (c) 2014 Kawachen. All Rights Reserved.